尊敬的全区城乡居民医保缴费人:
གུས་བརྩི་པའི་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་རྣམས་ལ་:
根据《西藏自治区医疗保障局西藏自治区财政厅国家税务总局西藏自治区税务局关于发布2027年城乡居民基本医疗保险个人缴费标准和缴费时间的通知》,我区2027年度城乡居民医保集中征缴期为2026年10月15日至2027年1月31日,请广大参保居民务必在规定时间内完成缴费,避免影响2027年医保待遇。
བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ་2027ལོའི་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་གཞི་རྩའི་སྨན་བཅོས་འགན་སྲུང་གི་གཅིག་སྡུད་དངུལ་བསྡུ་ལེན་དུས་ཚོད་ནི་སྤྱི་ལོ་2026ལོའི་ཟླ་10ཚེས་15ནས་སྤྱི་ལོ་2027ལོའི་ཟླ་1ཚེས་31བར་ཡིན། རྒྱ་ཆེའི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མི་དམངས་ཚོས་ངེས་པར་དུ་གཏན་འབེབས་བྱས་པའི་དུས་ཚོད་ནང་དངུལ་འཇལ་ཚར་དགོས།
一、缴费对象(དངུལ་འཇལ་མཁན།)
未参加职工医保的所有城乡居民(包括我区户籍和在我区常住的非我区户籍人员)均应缴纳城乡居民医保。
ལས་བྱེད་པའི་སྨན་བཅོས་འགན་སྲུང་ནང་མ་ཞུགས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་དམངས་ཡོངས་ཀྱིས།
二、缴费标准(དངུལ་འཇལ་ཚད་གཞི།)
(一)标准人群:2027年度城乡居民基本医疗保险个人缴费标准为每人每年260元和400元。
སྤྱི་ལོ་2027ལོའི་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་གཞི་རྩའི་སྨན་བཅོས་འགན་སྲུང་གི་མི་སྒེར་དངུལ་འཇལ་ཚད་གཞི་ནི་མི་རེར་ལོ་རེར་སྒོར་ 260 དང་སྒོར་ 400 ཡིན།
(二)特殊人群:

三、缴费时间(དངུལ་འཇལ་དུས་ཚོད།)
我区2027年度城乡居民医保集中征缴期为2026年10月15日至2027年1月31日。其中:2026年最后缴费日期为2026年12月25日,在此期间未缴费的,2027年1月1日起可以继续缴费。
བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ་2027ལོའི་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་སྨན་བཅོས་འགན་སྲུང་གི་གཅིག་སྡུད་དངུལ་བསྡུ་ལེན་དུས་ཚོད་ནི་སྤྱི་ལོ་2026ལོའི་ཟླ་10ཚེས་15ནས་སྤྱི་ལོ་2027ལོའི་ཟླ་1ཚེས་31བར་ཡིན། དེའི་ནང་ སྤྱི་ལོ་2026ལོའི་ནང་གི་མཐའ་མའི་དངུལ་འཇལ་ཚེས་གྲངས་ནི་སྤྱི་ལོ་2026ལོའི་ཟླ་12ཚེས་25ཡིན། དེ་སྔོན་དངུལ་མ་འཇལ་མཁན་ཚོས་སྤྱི་ལོ་2027 ལོའི་ཟླ་1ཚེས་1ནས་མུ་མཐུད་དུ་དངུལ་འཇལ་ཆོག།
四、待遇享受期(ཐོབ་ཐང་ལོངས་སྤྱོད་དུས་ཚོད།)
在2026年12月25日前缴费的,待遇享受期为2027年1月1日至2027年12月31日;在2027年1月1日到1月31日期间缴费的,待遇享受期为缴费到账之日至2027年12月31日。
སྤྱི་ལོ་2026ལོའི་ཟླ་12ཚེས་25གྱི་སྔོན་ལ་དངུལ་འཇལ་མཁན་གྱི་ཐོབ་ཐང་ལོངས་སྤྱོད་དུས་ཚོད་ནི་སྤྱི་ལོ་2027ལོའི་ཟླ་1ཚེས་1ནས་སྤྱི་ལོ་2027ལོའི་ཟླ་12ཚེས་31བར་ཡིན།སྤྱི་ལོ་2027ལོའི་ཟླ་1ཚེས་1ནས་ཟླ་1ཚེས་31བར་དངུལ་འཇལ་མཁན་གྱི་ཐོབ་ཐང་ལོངས་སྤྱོད་དུས་ཚོད་ནི་དངུལ་འཇལ་རྩིས་ཐོར་འཛུལ་བའི་ཉིན་ནས་སྤྱི་ལོ་2027ལོའི་ཟླ་12ཚེས་31བར་ཡིན།
五、缴费渠道(དངུལ་འཇལ་ཐབས།)
渠道1:支付宝“西藏税务社保缴费”小程序
渠道2:农业银行微信“西藏社保缴费”
渠道3:“西藏税务”微信公众号(光大银行渠道)
渠道4:线下(各级税务部门办税服务大厅、已入驻的政务服务大厅等)
六、注意事项(དོ་སྣང་དོན་ཚན།)
1.选择职工医保个人账户代缴城乡居民医保的缴费人,请勿在税务端进行缴费,以免造成重复缴费。
2.同时参加城乡居民医保、城乡居民养老的缴费人,如您选择缴纳400元档次的城乡居民医保,缴费前请务必仔细核实需要缴纳的险种,切勿与城乡居民养老400元档次弄混。
3.如有城乡居民医保提档补差(缴费人先缴纳了260元档次,后续想缴纳400元档次的业务)需求,提档补差必须在规定的集中征缴期内完成,逾期无法补差。
1.ལས་བྱེད་པའི་སྨན་བཅོས་འགན་སྲུང་གི་མི་སྒེར་རྩིས་ཐོ་བརྒྱུད་ནས་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་སྨན་བཅོས་འགན་སྲུང་གི་དངུལ་ཚབ་འཇལ་བ་འདེམས་པའི་དངུལ་འཇལ་མཁན་ཚོས། ཁྲལ་དོན་ཕྱོགས་སུ་ཐེངས་གཉིས་པར་དངུལ་མི་འཇལ་བར་གནང་།
2.གྲོང་ཁྱེར་དང་གྲོང་གསེབ་མི་དམངས་གཞི་རྩའི་སྨན་བཅོས་འགན་སྲུང་དང་ གྲོང་ཁྱེར་དང་གྲོང་གསེབ་མི་དམངས་རྒས་གསོའི་འགན་སྲུང་གཉིས་ཀར་ཞུགས་པའི་དངུལ་འཇལ་མཁན་གྱིས། གལ་སྲིད་ཁྱེད་ཀྱིས་སྒོར་400གི་ཚད་རིམ་གྱི་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་གཞི་རྩའི་སྨན་བཅོས་འགན་སྲུང་འཇལ་རྒྱུ་འདེམས་ན། དངུལ་འཇལ་བའི་སྔོན་ལ་འཇལ་དགོས་པའི་འགན་སྲུང་རིགས་ལ་ཞིབ་ཚགས་གནང་ནས་གཏན་འཁེལ་གནང་དགོས། གྲོང་ཁྱེར་དང་གྲོང་གསེབ་མི་དམངས་རྒས་གསོའི་འགན་སྲུང་གི་སྒོར་400གི་ཚད་རིམ་དང་མི་བསྲེས་པར་གནང་།
3.གལ་སྲིད་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་སྨན་བཅོས་འགན་སྲུང་གི་ཚད་རིམ་མཐོ་རུ་གཏོང་བ་དང་ཁྱད་ཁོང་སྐོང་བའི་དགོས་མཁོ་ཡོད་ན། (དངུལ་འཇལ་མཁན་གྱིས་སྔོན་ལ་སྒོར་260གི་ཚད་རིམ་འཇལ་ཟིན་པ་དང་། རྗེས་སུ་སྒོར་400 གི་ཚད་རིམ་འཇལ་འདོད་པའི་ལས་དོན།)ཚད་རིམ་མཐོ་རུ་གཏོང་བ་དང་ཁྱད་ཁོང་སྐོང་བ་དེ་གཏན་འབེབས་བྱས་པའི་གཅིག་སྡུད་དངུལ་བསྡུ་ལེན་དུས་ཚོད་ནང་ངེས་པར་དུ་ལེགས་འགྲུབ་བྱེད་དགོས། དུས་ཚོད་ལས་བརྒལ་ན་ཁྱད་ཁོང་སྐོང་ཐབས་མེད།
来源:西藏税务
主审:欧阳小月
编审:强 珍
编辑:洛桑次仁
